《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་བརྒྱད་པས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲོད་པའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་5ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་བརྒྱད་པས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་བརྒྱད་པའི་འགན་འཁུར་བློ་མཐུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་སྐོར་གཟིགས་ཀྱི་འབྲེལ་ཡོད་གནས་ཚུལ་ཚུར་ལན་སྤྲད་པ། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་གྱིས་དག་ཐེར་གྱི་བླང་བྱ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་རྣམ་འགྱུར་མཚོན་པའི་གཏམ་བཤད་ཀྱང་གནང་བ་རེད།

སྐོར་གཟིགས་ཚོགས་ཆུང་གིས་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འཛུགས་གཏོད་བཞི”བྱེད་རིང་གི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་པ་དང་། ཆབ་སྲིད་ཐོག་ནས་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་ངོས་འཛིན་དང་དང་ལེན་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྐོར་གཟིགས་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྐོར་གཟིགས་བྱེད་རིང་བཏོན་པའི་གནད་དོན་དག་ཐེར་དོན་འཁྱོལ་གྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་དགོས།

དབང་ཧའེ་ཀྲོའུ་ཡིས། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་པུའུ་དོན་ཨུ་ལྷན་གྱིས་སྐོར་གཟིགས་ཚུར་ལན་གྱི་བསམ་འཆར་དང་གྲོས་འགོ་ཡོངས་སུ་དང་ལེན་བྱས་ནས་གནད་དོན་སྔར་བས་འཚོལ་བཤེར་ནན་ཏན་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ། འབྱུང་རྩ་ནས་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་རྩ་ལག་མཉམ་བཅོས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་འགན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་བཟོ་བ་དང་། རིགས་དབྱེ་ནས་དག་ཐེར་གྱི་གསལ་ཐོ་བཟོ་བ། ཐག་གཅོད་ཀྱི་ཇུས་གཞི་རེ་རེ་བཞིན་ཞིབ་འཇུག་བྱེད་པ། དག་ཐེར་གྱི་དུས་ཚད་དང་དམིགས་ཚད་ཁ་གསལ་བཟོ་བ། “འགན་འཁྲི་གཉིས”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱེད་པ། རང་རྟོགས་ངང་སྐོར་གཟིགས་དག་ཐེར་དེ་ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་དག་ཐེར་དོན་འཁྱོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པར་དུས་གཅིག་ཏུ་སྐུལ་འདེད་གཏོང་ཐུབ་པ་བཅས་བྱས་ཏེ། སྐོར་གཟིགས་དག་ཐེར་གྱི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་ཏན་ཏིག་སྒྱུར་དགོས་ཞེས་གསུངས་པ་རེད།

(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)