གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་དྲ་མིག་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གིས་རྔ་ཆེན་གྲོང་ཚོ་ཚོད་ལྟ་བྱ་ཡུལ་ལ་བརྩིས་ནས“ཨང་རྟགས”བཤེར་བའི་གོ་རིམ་ཆུང་ངུ་སྤྱོད་ཐབས་གསར་གཏོད་དང་ཁྱབ་གདལ་བེད་སྤྱོད་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཚན་རྩལ་གྱི་ནུས་སྤྲོད་བརྒྱུད་གཞི་རིམ་བཅོས་སྐྱོང་གི་ལས་ཀའི་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད། འདི་ནི་རྔ་ཆེན་ཁྲོམ་གཞུང་གི་ལས་མིས་ཁོངས་གཏོགས་ཁུལ་གྱི་གྲོང་མིར“ཨང་རྟགས”བཤེར་བའི་གོ་རིམ་ཆུང་ངུ་སྤྱོད་ཐབས་འགྲེལ་བཤད་རྒྱག་བཞིན་པ།