《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月05日

ཆུ་ཤུར་རྫོང་གིས།

《གསང་མྱུལ་ལ་འགོག་རྒོལ་བྱེད་པའི་བཅའ་ཁྲིམས》 ཀྱི་ཆེད་དོན་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆུ་ཤུར་རྫོང་གིས་བོད་ལྗོངས་ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་ཀྲང་ཀྲའོ་ཕེ་གདན་དྲངས་ནས“《གསང་མྱུལ་ལ་འགོག་རྒོལ་བྱེད་པའི་བཅའ་ཁྲིམས》སློབ་སྦྱོང་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་པ་རེད། ཆུ་ཤུར་རྫོང་ཨུད་དང་། རྫོང་སྲིད་གཞུང། མི་དམངས་འཐུས་ཚོགས་། སྲིད་གྲོས་བཅས་ཀྱི་རྫོང་རིམ་པའི་འགོ་ཁྲིད་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་དང་། རྫོང་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་སོགས་ཁྱོན་མི་70ལྷག་ཙམ་སློབ་སྦྱོང་ལ་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེ་ཐོག་ནས། ཆུ་ཤུར་རྫོང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་གིས་མུ་མཐུད་དེ《གསང་མྱུལ་ལ་འགོག་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་རྒྱ་བོད་ཡིག་རིགས་གཉིས་ཀྱི“སྐད་གཉིས”སྐོར་སྐྱོད་སྒྲོག་འགྲེལ་དང་། རྫོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་བགྲོ་གླེང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་དྲ་ཐོག་ལན་འདེབས། ཟླ་4ཚེས་15ཉིན་གྱི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།