《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月05日

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས།

“སྙིགས་མེད་གྲོང་ཁྱེར”གྱི་དྲིལ་བསྒྲགས་ སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྤུས་ཚད་མཐོ་བའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། “སྙིགས་མེད”ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“རྒྱལ་སྤྱིའི་སྙིགས་མེད་ཉིན་མོ”ཐེངས་གཉིས་པ་གོ་སྐབས་སུ་བཟུང་ནས། ཁྲེང་ཀོན་ཆུས་དར་དམར་ཁུལ་ཆུང་དུ“རྒྱལ་སྤྱིའི་སྙིགས་མེད་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ”སྤེལ་ཏེ་དཔལ་འབྱོར་འཕེལ་རྒྱས་དང་མཁྲེགས་གཟུགས་སྙིགས་རོ་དོ་དམ་ལ་སྤྱི་འདོམས་ཀྱིས་ཐོན་ཁུངས་གྲོན་ཆུང་དང་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་བཏང་སྟེ། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།

ད་ཐེངས་ཀྱི་བྱེད་སྒོར“སྙིགས་མེད་གྲོང་ཁྱེར”གྱི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་ཁྱོན་200ལྷག་ཙམ་སྤྲད་ཡོད། བྱེད་སྒོ་སྤེལ་གྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་སླད་ཕྱིན་གད་སྙིགས་རིགས་དབྱེ་དང་། “སྡེར་གཙང་བྱ་སྤྱོད” ལྗང་མདོག་འགྲོ་སྐྱོད། ཆུ་དང་གློག་གྲོན་ཆུང་སོགས་ཉེ་འགྲམ་གྱི་དོན་དག་ཆུང་ཆུང་ནས་འགོ་བརྩམས་ཏེ། “སྙིགས་མེད་གྲོང་ཁྱེར”གཏོད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།