འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྷ་ས་གྲོང་ཁྱེར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས་ཁག་རིམ་རྩིས་བྱས་ན་26ཟིན་གྱི་ཡོད་པ་རེད། རྣམ་གྲངས་ཀྱི་གཞི་ཁྱོན་ནས་བལྟས་ན། 2024ལོའི་རྣམ་གྲངས་ཀྱི་གྲངས་འབོར་དེ་2021ལོ་དང་། 2022ལོ། 2023ལོ་བཅས་སོ་སོ་ལས་225%དང་། 160% 86%བཅས་འཕར་བ་དང་། མ་དངུལ་གྱི་གཞི་ཁྱོན་ནས་བལྟས་ན། 2024ལོར་བཀོད་སྒྲིག་བྱས་པའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་མ་དངུལ་གྱི་གཞི་ཁྱོན་དེ་2021ལོ་དང་། 2022ལོ། 2023ལོ་བཅས་སོ་སོ་ལས་194%དང་། 48% 63%བཅས་འཕར་ནས་2024ལོའི་རྒུད་གསབ་ལས་སྤྲོད་རྣམ་གྲངས་དང་མ་དངུལ་གྱི་གཞི་ཁྱོན“ལོ་ལྔ་ཚན་བཅུ་བཞི་པའི”ལོ་རིམ་བྱུང་གི་མཐོ་ཚད་གསར་པ་བཏོད་པ་དང་དུས་སྐབས་གསར་པའི་རྒུད་གསབ་ལས་སྤྲོད་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན། 2024ལོར་ལག་བསྟར་བྱས་པའི་རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས་ཁག་26གི་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་2049སྤྲོད་རྒྱུ་དང་། ས་གནས་དེ་གའི་མང་ཚོགས་1972བསྡུ་རྒྱུ། གླ་པ་མི་ཐེངས་834ལ་གསོ་སྦྱོང་བྱ་རྒྱུ་བཅས་རེད།
གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས་དེ་དམངས་འཚོ་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཏུ་བརྩིས་ནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཇུས་འགོད་དང་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་ཀྱི་ལག་བསྟར་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒུད་གསབ་ལས་སྤྲོད་ཀྱི་ལས་དོན་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)