འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཚད་སྒྱུར་བཅོས་ཀྱི་ཕན་ནུས་དང་མཛུབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་བུན་སྐྱེད་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་ལས་དོན་གྱི་ཕན་འབྲས་གང་ལེགས་མངོན་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་ཚོགས་འདུ་དང་དངུལ་བུན་སྐྱེད་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་ཆེད་དོན་གན་འཇོག་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་བུན་སྐྱེད་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཅིག་སྡུད་གན་འཇོག་བདེ་བླག་ངང་ཡོང་ཆེད། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིར་སྐུལ་འདེད་ཤུགས་ཆེན་དང་རྒྱུན་མཐུད་མཛུབ་ཁྲིད་བྱས་ཏེ། ཕྲན་ཚེགས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་ཕན་པ་ཡོངས་ཁྱབ་ངང་ཐོབ་པར་དམིགས་ཏེ་ཚོད་ལྟའི་རྣམ་གྲངས་སྔོག་འདོན་དང་གསོག་འཇོག་ཧུར་ཐག་བྱས་ནས། ཆོག་འཐུས་ཚད་གཞི་ལྷུག་ཏུ་འོས་འཚམ་བཏང་སྟེ་ཚོང་ལས་རྒྱུན་མཐུད་ཆོག་པའི་རྩ་དོན་གཞིར་བཟུང་། དངུལ་བུན་གྱི་སྐྱེད་ཀའི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་གྱིས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སྔོན་ལ་ཐག་གཅོད་བྱ་རྒྱུ་རེད། ཚོགས་འདུའི་ཐོག་ཉིང་ཁྲིའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་8ཀྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་14དང་ཁྲོམ་ར་ཅན་གྱི་དངུལ་བུན་སྐྱེད་ཚད་ཀྱི་གྲོས་མཐུན་བཞག་ནས་དངུལ་བུན་སྒོར་ཁྲི་3950བཏང་བ་རེད། (མཚམས་གཅོད་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)