《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月03日

དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དྲ་རྒྱའི་སིལ་འཚོང་དངུལ་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

དྲ་རྒྱའི་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་37.5ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་37.5ཟིན་པ་དེ་དུས་མཚུངས་ལས་48.8%འཕར་ཡོད། དེའི་ནང་དངོས་ཟོག་གི་དྲ་རྒྱའི་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་31.8ཟིན་པ་དེ་དུས་མཚུངས་ལས་53.8%འཕར་ཡོད། རྣམ་གྲངས་གཉིས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་2.24ཟིན་ཡོད། དེའི་ནང་ལུས་གསོའི་བཟའ་བཅའ་དང་། ཞལ་ཏོག ཤ་དང་སྒོ་ང་བཅས་རིགས་ཀྱིས་ཨང་རིམ་གྱི་ཨང་དང་པོ་ནས་གསུམ་པ་བར་བཟུང་བ་དང་སིལ་འཚོང་དངུལ་འབོར་གྱིས་བསྡུར་ཚད་81.42%དང་། 11.44% 3.11%བཅས་སོ་སོར་བཟུང་ཡོད། གཙོ་གནད་ཚོང་ཟོག་ལ་བལྟས་ན། དབྱར་རྩྭ་དགུན་འབུ་དང་། སྨན་སྤྱོད་དངོས་རྫས། ཤ་སྐམ་པོ་དང་ཤ་བསྙལ་མ་སོགས་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་ཡོད་པ་རེད།