《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུའི་གྲུ་ཚང་བདེ་བླག་ངང་ཐང་དུ་བབས་པ།

ཟླ་4ཚེས་30ཉིན་གྱི་ཆུ་ཚོད་17དང་སྐར་མ་46ཐོག་ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུའི་གྲུ་ཚང་ཤར་རླུང་བབས་ཐང་དུ་བདེ་བླག་ངང་བབས་པ་དང་། ས་ཆ་དངོས་སུ་ཡོད་པའི་སྨན་བཅོས་ལྟ་ཞིབ་དང་སྨན་བཅོས་བདེ་སྲུང་བས་འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ཀྱི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་ཐོག་ནས་ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་བ་མཚོན་ཡོད། འདི་ནི་ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུའི་གྲུ་ཚང་ཤར་རླུང་བབས་ཐང་དུ་བདེ་བླག་ངང་བབས་པའི་རྣམ་པ་ཡིན་པ།