《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ཞིབ་ཚགས། སྤུས་དག རྩེར་སོན”བཅས་ཀྱི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དཔུང་ཁག་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་དང་། ཉེན་རྟོག་པར་སྦྱོང་བརྡར་དང་ཉེན་རྟོག་དཔུང་ཁག་སྟོབས་ཆེར་བཏང་ནས་དཔུང་ཁག་གི་དངོས་འཐབ་ནུས་པ་ཆེ་རུ་བཏང་བ། ཉེན་རྟོག་དཔུང་ཁག་གི་ཡར་བརྩོན་སྟོབས་ཤུགས་འཕེལ་བར་བྱས་པ། ཉེན་རྟོག་པའི་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་བཏང་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་བཏོད་པ། རྨང་གཞིའི་ལས་ཀ་ཚགས་ཚུད་སྒྲུབ་པ་དང་ཞབས་ཞུ་དོ་དམ་གྱི་ནུས་ཕྱོད་མཐོ་རུ་བཏང་སྟེ། “མཐའ་གཅིག་ཏུ་གསུམ”དང“འགྱུར་མེད་བཞི”ཡི་འགྲིམ་འགྲུལ་དོ་དམ་གྱི་ཧྲག་དམག་ཅིག་སྐྱེད་སྲིང་བྱ་ཆེད་འགྱུར་མེད་སྟོབས་ལྡན་གྱི་བསམ་བློ་ཆབ་སྲིད་ཀྱི་འགན་ལེན་བྱས་ཤིང་། འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཉིང་ལག་རུ་ཁག་གི་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་བཞིན་པ།