《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

མངའ་རིས་ས་ཁུལ་གྱིས།

《བྱ་ཐབས》བཏོན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་དང་སྐུལ་ཁྲིད་ནུས་ཕྱོད་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མངའ་རིས་ས་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས། གཞི་རིམ་ཏང་རྩ་འཛུཌ་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་དང་སྐུལ་ཁྲིད་ནུས་ཕྱོད་ཆེ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་དང་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔྱད་ཞིབ་དཔྱད་བསྡུར་བྱ་དགའ་སྤྲོད་ཐབས(ཚོད་ལྟ་བྱ་ཐབས)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་པ་དང་འབྲེལ་ལག་ལེན་བསྟར་བ་རེད།

《བྱ་ཐབས》ནང་མངའ་རིས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔྱད་ཞིབ་བྱ་དགའ་སྤྲོད་ཡུལ་དང་བྱ་དགའི་རྣམ་གྲངས་བཀོད་སྒྲིག་བྱས་ཤིང་། གྲོང་ཚོ(སྡེ་ཁུལ)147ཁྲོད་དཔྱད་ཞིབ་དཔྱད་བསྡུར་བྱེད་རྒྱུ་དང་། དཔྱད་ཞིབ་བྱ་དགའ་སྤྲོད་ཡུལ་ནི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་འཕེལ་རྒྱས་དང་སྐྱེ་ཁམས་མཐའ་སྟོབས་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱ་གཞག་ཁག་ནང་ནུས་པ་མངོན་གསལ་དོད་པོ་འདོན་མཁན་ཏང་རྩ་འཛུགས་རེད། གཞི་རིམ་བཅོས་སྐྱོང་དང་། ལས་གཏོད་འབབ་འཕར། སྐྱེ་ཁམས་ཤེས་དཔལ་། མཐའ་དར་དམངས་ཕྱུག་བཅས་ཀྱི་དཔེ་མཚོན་རིགས་4ལ་དཔྱད་བསྡུར་བྱེད་རྒྱུ་ཡིན་ཞིང་། དཔེ་མཚོན་རིགས་སོ་སོར་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཡོད་པ་དང་། བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་བྱ་དགའི་དངུལ་སྒོར་ཁྲི་5ནས་ཁྲི་15བར་བསྡུར་ཚད་མི་འདྲ་བའི་ཐོག་ནས་བཀོད་སྒྲིག་བྱས་ཡོད་ཅིང་། དཔེ་མཚོན་རིགས་ཚང་མ་ནས་བྱ་དགའ་བརྩོན་ལེན་བྱེད་ཆོག་ཅེས་ཁ་གསལ་བསྟན་ཡོད་པ་རེད།

(པ་ཚེས་བསྒྱུར)