《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月02日

“ངས་གཞོན་ནུའི་ཆེད་བྱ་བ་དངོས་སྒྲུབ་པའི”རིམ་སྤེལ་བྱེད་སྒོ་སྤེལ་བ།

གུང་གཞོན་སྡེ་ཚོགས་ངམ་རིང་རྫོང་ཨུད་ཀྱིས་ལས་ཞུགས་ཐུབ་མེད་པ་དང་ལས་གཏོད་གཞོན་ནུར་སེམས་ཁུར་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་གུང་གཞོན་སྡེ་ཚོགས་ངམ་རིང་རྫོང་ཨུད་ཀྱིས“ངས་གཞོན་ནུའི་ཆེད་བྱ་བ་དངོས་སྒྲུབ་པའི”རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། ལས་ཞུགས་ཐུབ་མེད་པའམ་བྱ་གཞག་གསར་གཏོད་བྱེད་མཁན་གཞོན་ནུར་སེམས་ཁུར་བྱས་ནས། ལས་ཞུགས་ཀྱི་རྣམ་པ་བཟང་པོ་བཏོད་པ་མ་ཟད། ལས་ཞུགས་ཀྱི་གསོན་ཤུགས་ཀྱང་འཕེལ་བར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གུང་གཞོན་སྡེ་ཚོགས་ངམ་རིང་རྫོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་ཚོགས་པར་དོ་ཁུར་བྱས་ཤིང་། ས་གནས་ས་ཐོག་ཏུ་བཅར་འདྲི་དང་བརྟག་ཞིབ་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་ལས་ཞུགས་ཐུབ་མེད་པའི་གཞོན་ནུའི་མི་གྲངས་གྲལ་བཤེར་མཐིལ་རྟོགས་བྱས་པ། ལས་ཞུགས་ཐུབ་མེད་པའི་གཞོན་ནུའི་ལས་འདེམས་འདུ་ཤེས་དང་ལས་ཞུགས་འདོད་བློ་དང་དེ་བཞིན་མིག་སྔའི་དཀའ་ངལ་བཅས་གཙོ་གནད་དུ་ཤེས་རྟོགས་བྱས་ཡོད། ལས་ཞུགས་ཐུབ་མེད་པའི་གཞོན་ནུ་29ལ་གཅིག་གྱུར་འཚམས་འདྲི་བྱས་ཏེ་འཚམས་འདྲིའི་དངུལ་སྒོར་ཁྲི་1.45སྤྲད་པ་དང་། ཁོངས་གཏོགས་ཁུལ་གྱི་གཞོན་ནུའི་ལས་གཏོད་ཀྱི་ད་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱས་ནས། གཞོན་ནུའི་ལས་གཏོད་ཀྱི་གཉེར་སྐྱོང་དཀའ་གནད་དང་བསམ་འཆར་ཉན་པ། དོན་དངོས་དང་འཚམ་པའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་ལས་དོན་སྤེལ་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། གཞན་ཡང་ལས་གཏོད་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ནས། གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་གཅིག་འདུས་དང་དེར་ཞབས་འདེགས་ཞུ་བའི་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།