《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月01日

“ལྔ་གཅིག”གུང་གསེང་རིང་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་40སྐྱེལ་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་28ཉིན། གསར་འགོད་པར་ལྕཊ་ལམ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2024ལོའི“ལྔ་གཅིག”གུང་གསེང་གི་སྐྱེལ་འདྲེན་དུས་ཡུན་ནི་ཟླ་4ཚེས་29ཉིན་ནས་ཟླ་5ཚེས་6ཉིན་བར་ཏེ། ཁྱོན་ཉིན་8ཡིན་ཞིང་། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་40སྐྱེལ་རྩིས་ཡོད་པར་ཉིན་རེར་ཆ་སྙོམས་བྱས་ན་མི་ཐེངས་ཁྲི་5ཟིན་གྱི་ཡོད། འགྲུལ་རྒྱུན་མང་ཤོས་ཀྱི་ཉིན་མོ་ནི་ཟླ་5ཚེས་1ཉིན་ཡིན་པ་དང་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་7ཟིན་རྒྱུ་རེད།

འདི་ལོའི“ལྔ་གཅིག”གུང་གསེང་གི་དུས་ཡུན་ཉིན་ལྔ་ཡིན་ཞིང་། མེ་འཁོར་ལ་བསྡད་ནས་གཉེན་ཉེ་ཐུག་འཕྲད་དང་ཡུལ་སྐོར་ལ་འགྲོ་མཁན་གཉིས་ཀ་མང་བ་དང་། གུང་གསེང་གི་ཉིན་དང་པོ་དང་ཉིན་མཇུག་ཤོས་ཀྱི་འགྲུལ་རྒྱུན་གཅིག་སྡུད་ཆེ་བ། ལམ་ཐུང་བ་དང་འབྲིང་བའི་འགྲུལ་རྒྱུན་གྱི་དགོས་མཁོ་ཆེ་བ་བཅས་ཡོད། མཚོ་བོད་ཚོགས་པ་ཀུང་སིས་འདི་ལོའི་གུང་གསེང་རིང་གི་ལྕགས་ལམ་འགྲུལ་རྒྱུན་གྱི་ཁྱད་ཆོས་ལ་དམིགས་ནས“ལྔ་གཅིག”གུང་གསེང་རིང་གི་སྐྱེལ་འདྲེན་ཇུས་གཞི་ཞིབ་ཚགས་བཟོས་ཏེ། འགྲུལ་རྒྱུན་གཅིག་སྡུད་ཆེ་བའི་ལམ་ཐིག་དང་ས་ཁུལ་དུ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།