《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月30日

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དང་དེ་བཞིན་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཚོཊ་འདུའི་ཐོག་བློ་མཐུན་གསུམ་གྱིས་གཏམ་བཤད་སྤེལ་རེས་བྱས་པ་རེད།

དབང་ཧའེ་ཀྲོའུ་ཡིས།《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་དངོས་ཀྱི་དོན་སྙིང་དང་། བཞེད་དོན་གཙོ་བོ་དང་ནང་དོན་ཕུན་སུམ་ཚོགས་པ། དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་སྔར་བས་ཞུན་བརྡར་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྒྲིག་ཁྲིམས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། སྒྲིག་བཀུར་ཁྲིམས་སྲུང་ལག་བསྟར་བཅས་བྱེད་དགོས། བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། དངོས་སྦྱོང་དངོས་སྤྱོད་དང་སྦྱོང་སྤྱོད་ཟུང་འབྲེལ་ཐད་ཤུགས་བརྒྱབ་ནས་ཕན་འབྲས་ཐོན་པ་དང་མིག་དཔེ་བཏོན་ཏེ། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་རང་རྟོགས་ཀྱིས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། (རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)