“ལྔ་གཅིག”གུང་གསེང་འཆར་ལ་ཉེ་བའི་མཚམས་སུ་ལྷ་ས་དྲོད་རླངས་ཀུང་སིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོ་ཐབ་ཀྱི་གློག་སྒྱུར་མ་ལག་དང་། དྲོད་འདོན་མ་ལག དེ་བཞིན་ཆུ་འགྲོའི་མ་ལག་བཅས་ལ་ཉམས་བཟོ་དང་། ཞིབ་བཤེར་བཟོ་བཅོས། བདག་སྐྱོང་བཅས་བྱས་ཏེ་རྒྱ་ཆེའི་སོལ་རླངས་སྤྱོད་མཁན་ལ་བདེ་འཇགས་དང་བརྟན་པོའི་ངང་སོལ་རླངས་སྤྱོད་པའི་ཁོར་ཡུག་ཅིག་བཏོད་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཅིག་སྡུད་དྲོད་འདོན་ཁྲོ་ཐབ་ཁང་གི་ལས་དོན་མི་སྣས་སྒྲིག་ཆས་ཉམས་བཟོ་བྱེད་བཞིན་པ།