《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月29日

རང་ལྗོངས་ཀྱི་ཁུལ་ཧྲིལ་པོར་དྲ་ཐོག་ཚོང་དོན་སྐུལ་སྤེལ་གཏོང་བའི་རྣམ་གྲངས་ལས་ཞིང་པར་ཕན་པ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་ལྗོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཧྲིལ་པོར་སྐུལ་སྤེལ་གཏོང་བའི་རྣམ་གྲངས(གཤམ་དུ“ཁུལ་ཧྲིལ་པོར་སྐུལ་སྤེལ་གཏོང་བའི་རྣམ་གྲངས”ཞེས་བསྡུ་རྒྱུ)འགོ་ཚུགས་པ་ནས་བཟུང་། ས་གནས་དེ་གའི་ཟོག་འགྲེམས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་དང་ལས་གནས་ལས་ཞུགས་ཀྱི་གོ་སྐབས་མང་དུ་བཏང་སྟེ་བོད་ཀྱི་ལས་ཞུགས་ཐུབ་མེད་པའི་མི་སྣ་ལས་ཞུགས་ཡོང་བར་རོགས་རམ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཅིང་ཏུང་དང་ལྷ་ས་གྲོང་ཁྱེར་ཅིང་ཡུན་དྲ་ཐོག་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སིས་ཐུན་མོང་དུ་སྤེལ་བ་ཞིག་ཡིན་པ་དང་། ཅིང་ཏུང་ཚོགས་པར་ཐེམ་ཁུངས་བོད་ནས་ཡིན་པའི་ལས་མི་295ཡོད་པ་དེས་བོད་དུ་ཡོད་པའི་ལས་མི་ཡོངས་ཀྱི་77%བཟུང་བ་དང་། རིགས་ཁག་གི་དྲ་ཕྱིའི་ལས་སྒོས་མི་350ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་པ། མི་400ལྷག་ཙམ་གཞན་བརྒྱུད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོའི་ཁྱད་ལྡན་ཐོན་རྫས་ཁང་ནི་ཉེ་བའི་ལོ་ཤས་རིང་ཅིང་ཏུང་གིས་གཙོ་གནད་ཐོག་གསར་སྤེལ་བྱས་པའི་དྲ་ཐོག་ཚོང་དོན་གྱི་རྣམ་གྲངས་ཤིག་རེད། རང་ལྗོངས་ཀྱིས་ཅིང་ཏུང་ཚོགས་པའི་དྲ་ཐོག་ཚོང་དོན་དང་། ཟོག་འགྲེམས། གྲངས་གཞི་ཆེན་པོ་སོགས་ཀྱི་ལེགས་ཆར་བརྟེན་ནས་ས་གནས་ཁེ་ལས་ཀྱི་དྲ་ཐོག་ཚོང་དོན་ཅན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་འཚོང་བར་སྐུལ་འདེད་གཏོང་བ། ས་གནས་དེ་གའི་ཁེ་ལས་དང་ཞིང་དུད་ཀྱི་རང་བརྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱུན་མཐུད་འབབ་འཕར་ཐུབ་པ་བྱས་ཡོད།

གཞན་ཡང་ས་ཁུལ་ཧྲིལ་པོར་སྤེལ་བའི་རྣམ་གྲངས་ནང་བོད་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་IPདང་། ཐད་གཏོང་ཟོག་ཚོང་། བོད་སྐྱོར་ཐོན་རྫས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་རྟེན་གཞི་ཐོག་མ་བསྐྲུན་ཡོད། 2022ལོར་བེད་སྤྱོད་བྱས་པ་ནས་བཟུང་བོད་ཀྱི་ཚོང་དུད་བཅུ་ཙམ་དང་སྲོལ་རྒྱུན་ཁེ་ལས་ལ་དྲ་ཐོག་ཚོང་དོན་གྱི་བློ་འདྲི་ཇུས་འགོད་དང་། རིག་གནས་ཡུལ་སྐོར་ངོ་སྤྲོད། IPགཏོད་པ་སོགས་ཀྱི་ཞབས་འདེགས་ཞུས་ཡོད།

(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)