འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་བྱེད་པ་དང་ས་ཁོངས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་ཡོད། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་འཁྲིའི་ལས་ཀར་གཞི་ཚུགས་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་གྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རིང་བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
“དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རིང་རྣམ་པ་གསར་པ་ཆགས་པར་བྱེད་དགོས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱས་ནས་གཏན་ལ་ཕབ་པའི་འཐབ་ཇུས་གཏན་འབེབས་གལ་ཆེན་ཞིག་རེད། དེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་འཐབ་རེས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད”རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་ཕྱིན་ནས་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་ཐོན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྒྱུན་ཆད་མེད་པར་འཕར་ཞིང་། 2023ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2400ཙམ་གྱི་འགག་སྒོ་ཆེན་པོར་བཅར་ནས་འཕར་ཚད་ལོ་མང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཞིང་། རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་དང་། ནུས་རྒྱུ་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཆུ་བེད་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། དམངས་ལ་བདེ་སྐྱིད་ཐོབ་ཚུལ་ཇེ་ལེགས་སུ་ཕྱིན་ཞིང་། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་ལེན་སོགས་དམངས་འཚོའི་དོན་དངོས་ཁག་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཞིང་། རི་བོ་དང་། ཆུ་མོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་། བྱེ་ས། འཁྱགས་རོམ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྤྱི་འདོམས་བྱས་ཏེ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་དར་དམངས་ཕྱུག་གི་གྲུབ་འབྲས་གཟེངས་སུ་ཐོན་ཞིང་། སྨན་གླིང་དང་མཚོ་སྣ་གཉིས་རྫོང་སྒྱུར་གྲོང་འཛུགས་བྱས་ནས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལས་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་མགྱོགས་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིས་བོད་ཀྱིས་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད”བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས། ང་ཚོས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པའི་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞི་ཚུགས་པ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དངོས་གཉེར་བྱ་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་གཞིར་བཟུང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་གཏོད་ཀྱི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱུན་ཆད་མེད་པར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྒོ་དབྱེ་མཉམ་ལས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཧུར་བརྩོན་ཆེན་པོས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བ་དང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ལ་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བ། གངས་ལྗོངས་ས་མཐོ་ནུས་ཕྱོད་ཆེན་པོས་བཅོས་སྐྱོང་ཡོང་བ་བཅས་བྱེད་ཀྱི་ཡིན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། ས་ཁོངས་ཐོན་ལས་བཀོད་སྒྲིག་སྔ་སྣུར་དུ་བྱེད་པ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བརྟན་པོ་གཏོང་བ། ལྗང་མདོག་བཟོ་ལས་དང་ལྷག་པར་དུ་ས་མཐོའི་ཡང་བའི་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། གྲངས་འཛིན་ཐོན་ལས་གསར་པ་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་གཙོ་གནད་དུ་བཟུང་ནས་གྲུབ་ཆ་ལུགས་དང་མཐུན་པ་དང་རང་རང་གི་ཁྱད་ཆོས་ལྡན་པའི་ས་མཐོའི་དཔལ་འབྱོར་དེང་རབས་ཐོན་ལས་མ་ལག་ཆགས་པར་ཧུར་ཐག་བཅས་བྱས་ཏེ། ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་བྱས་ནས་སྔོན་སྐྱོད་ཁུལ་འཛུགས་གཏོད་བྱེད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝུའེ་མིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་རེད། ང་ཚོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ། “ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”སྔར་བས་ཞིབ་ཚགས་དང་དངོས་སུ་བསྒྱུར་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་ཟབ་མོ་བཅས་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་། བློ་སེམས་འགུག་ཤུགས། གོང་བུ་འགྲིལ་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས“མཉམ་མྱོང་བཞིའི”གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་སྐྲུན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡི་གེ་སྤྱོད་པའི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་ཕན་ཚུན་གོ་བརྡ་འཕྲོད་ནས་སེམས་པ་གཅིག་མཐུན་དང་བརྩེ་བ་མཉམ་འཆང་ཡོང་བར་སྐུལ་འདེད་གཏོང་བ། སྒར་རེས་རྣམ་པའི་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་རྒྱུ་དེ་གཞི་རྟེན་དུ་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་སྡེ་ཁུལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་སྟེ། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་ཟམ་མི་ཆད་པར་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།
(སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)