《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月29日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།

ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་དང་སྐོར་གཟིགས་དག་ཐེར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་དང་སྐོར་གཟིགས་དག་ཐེར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་2023ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ལག་བསྟར་བྱས་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐེག་པ་འཁུར་ལེན་ལ་སྣང་ཆེན་དང་། དངོས་སྒྲུབ་ལ་མཐོང་ཆེན། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒྲུབ་ལས་གཏོད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བློ་སེམས་གཅིག་མཐུན་དང་ངར་ཤུགས་ཆེན་པོས་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་ལ་ཕབ་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས། དཔྱད་ཞིབ་དམིགས་ཚད་དང་མ་ལག་སྔར་བས་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་། ལས་ཀའི་བྱེད་སྟངས་ལེགས་སུ་གཏོང་བ། ལས་ཆོད་ཆེ་རུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་སྒྲུབ་ལ་བརྟེན་ནས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་བཞག་ནས་བྱ་གཞག་བསྐྲུན་པར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་དགོས། དཔྱད་ཞིབ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་དང་། “དཔྱད་མང་གཅིག་སྒྲིལ”ལག་བསྟར་ནན་པོ་བྱེད་པ། དཔྱད་ཞིབ་སྒྲིག་འཛུགས་ལག་བསྟར་ཚད་ལྡན་དུ་གཏོང་བ། བསྐྱར་ཟློས་ཀྱི་དཔྱད་ཞིབ་མང་པོ་བཀག་འགོག་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་པར་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་ཡོད་པར་བྱེད་དགོས། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་དངོས་ཡོད་གྲུབ་འབྲས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོར་འཛུགས་པ་དང་། དཔྱད་ཞིབ་གྲུབ་འབྲས་དེ་ལས་བྱེད་པ་འདེམས་སྒྲུག་བཀོལ་སྤྱོད་དང་། གསོ་སྐྱོང་གསོ་སྦྱོང་། གཟེངས་བསྟོད་དང་བྱ་དགའ་བཅས་དང་ཟུང་འབྲེལ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་བྱེད་པ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བྱས་རྗེས་འཇོག་མཁན་ལ་གོ་གནས་ཡོད་པ་དང་། འཇོན་ཐང་ཅན་ལ་གོ་གནས་བསྐོ་གཞག ཕུལ་བྱུང་ཅན་སྔོན་ལ་བསྐོ་བ་བཅས་བྱེད་པ། རྒྱ་ཆེའི་ལས་བྱེད་པས་ལས་འགན་ལྕི་པོ་འཁུར་བ་དང་། དམག་འཐབ་དྲག་པོ་རྒྱག་པ། མདུན་དུ་མཆོང་ཕོད་པ་བཅས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ། གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ལག་བསྟར་ནན་ཏན། ཆབ་སྲིད་སྐོར་གཟིགས་ཀྱི་གནས་བབ་མཐའ་འཁྱོངས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་གང་དུ་བཀོད་སྒྲིག་བྱས་ཚེ་སྐོར་གཟིགས་ལྟ་སྐུལ་དེ་གར་བྱེད་དགོས། སྐོར་གཟིགས་དག་ཐེར་གྱི“མཇུག་འཕྲོའི་ལས་དོན”ཡག་པོ་བསྒྲུབས་ནས། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། དག་ཐེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་དུས་ཐོག་ཏུ“ཕྱིར་ལྟ”བྱེད་པ། དག་ཐེར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། དག་ཐེར་གྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་པ། སྐོར་གཟིགས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། འབྲེལ་མཐུད་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། མི་འདེམས་མི་སྤྱོད་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པ་སོགས་ཆེད་དོན་ཞིབ་བཤེར་དེ་སྐོར་གཟིགས་ལྟ་སྐུལ་ནང་མཉམ་འདྲེས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་ཏན་ཏིག་འདོན་དགོས། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་དང་། ལས་བྱེད་པར་རང་འགན་ཐེག་པ་ཁུར་ལེན་བྱེད་པར་སྐུལ་ལྕག ལས་བྱེད་པས་ནུས་སེམས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་ཧུར་ཐག་བཅས་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཏན་ཏིག་གཏོད་དགོས།

(ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)