《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གི་དྲི་བ་དྲིས་ལན།

【ནང་དོན་ཡོང་ཁུངས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》2023ལོར་བཟོ་བཅོས་བརྒྱབ】

ལེ་ཚན་གཏོད་པའི་གཏམ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རེད། 《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སེམས་ལ་མི་འཇོག་པ་དང་། རྒྱུས་མངའ་མེད་པ། ཁོང་དུ་མ་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་ནི་གང་ཞིག་ཡིན་པ་གསལ་པོ་ཤེས་པར་བྱེད་པ། གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བ་གསལ་པོ་རྟོགས་པར་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས་བསྲུང་རྒྱུ་རང་རྒྱུད་ལ་འཇགས་པ་དང་ཕྱིའི་སྤྱོད་ལམ་གྱི་ཚད་གཞིར་འགྱུར་བར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ངོས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས།

དེ་རིང་ནས་བཟུང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དྲི་བ་དྲིས་ལན་གྱི་ལེ་ཚན་འདོན་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།

དྲི་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ག་དུས་ཆོག་མཆན་ཐོབ་པ་དང་། ག་དུས་བཟོ་བཅོས་བརྒྱབ་པ། ག་དུས་ལག་བསྟར་བྱས་པ་ཡིན་ནམ།

དྲིས་ལན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》2003ལོའི་ཟླ12ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་པ་དང་། 2003ལོའི་ཟླ་12ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པ། 2023ལོའི་ཟླ12ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་པ། 2023ལོའི་ཟླ12ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པ། སྲོལ་ཡིག་འདི་2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད།

དམིགས་ཡུལ་གཏན་འཁེལ།

ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་དང་། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་རྩ་འཛུགས་དྭངས་གཙང་། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་། ཏང་ཡོན་ལ་སྒྲིག་བཀུར་ཁྲིམས་སྲུང་བྱེད་པར་སློབ་གསོ་རྒྱག་པ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས། གྲོས་ཆོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་བསྟར་འགན་ལེན་བྱ་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་སྲོལ་ཡིག་འདི་གཏན་འབེབས་བྱས་ཡོད།

ལས་ཀའི་རྩ་དོན།

(གཅིག) ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས།

(གཉིས) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན།

(གསུམ) དངོས་ཐོག་བདེན་འཚོལ།

(བཞི) དམངས་གཙོ་གཅིག་སྡུད་ལམ་ལུགས།

(ལྔ) སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བཅས་རེད།

དྲི་བ། ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”གང་ཡིན་ནམ།

དྲིས་ལན། ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”གཏིང་ཟབ་སྤྱད་ནས་དུས་རྟག་ཏུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ་དུས་ཐོག་ཏུ་གླེང་མོལ་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། ཞིབ་བཤེར་གྱི་བཀའ་གཏོང་བ། ཁ་ཏ་བསླབ་འདོམས་བཅས་བྱས་ནས“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ”དེ་རྒྱུན་རྣམ་ཅན་དུ་འགྱུར་བ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་མོ་གཅོད་པ་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པ་དེ་སྒྲིག་འགལ་ཐག་གཅོད་བྱེད་ཐབས་ཕལ་ཆེ་བར་འགྱུར་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ལྕི་བ་དང་ལས་གནས་ལེགས་སྒྲིག་ཆེན་པོ་བྱེད་པ་དེ་ཉུང་ཤས་སུ་འགྱུར་བ། སྒྲིག་འགལ་ཚབས་ཆེན་གྱི་ཉེས་གསོག་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་དེ་ཆེས་ཉུང་ཤས་སུ་འགྱུར་བ་བཅས་བྱེད་དགོས་པ་དེ་རེད།

དྲི་བ། ཏང་གི་སྒྲིག་ཁྲིམས་ལས་འགལ་མཁན་ཏང་རྩ་འཛུགས་ལ་ཐག་གཅོད་ཀྱི་གཏན་འབེབས་གང་ཡོད་དམ།

དྲིས་ལན། དོན་ཚན་དགུ་པ། ཏང་གི་སྒྲིག་ཁྲིམས་ལས་འགལ་མཁན་ཏང་རྩ་འཛུགས་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་དེར་ཡིག་ཐོག་ནས་ཞིབ་བཤེར་རམ་ཡང་ན་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་དང་རང་ངོས་ནས་ཡོ་བསྲང་མ་ཐུབ་པའི་ཏང་རྩ་འཛུགས་ཡིན་ཚེ་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་གསལ་པོ་བྱུང་རྗེས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས།(གཅིག)བསྐྱར་སྒྲིག་བྱེད་པ། (གཉིས)མེད་པར་བཟོ་བ།

དོན་ཚན་བཅོ་ལྔ་པ། རྩ་འཛུགས་བསྐྱར་སྒྲིག་གི་ཆད་པ་ཕོག་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་ཡིན་ཚེ་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་གཅོད་པ་ཕུད་ཚང་མའི་གོ་གནས་མེད་པར་བཟོ་དགོས།

དོན་ཚན་བཅུ་དྲུག་པ། མེད་པར་བཟོ་བའི་ཆད་པ་ཕོག་པའི་ཏང་རྩ་འཛུགས་ཁྲོད་ཀྱི་ཏང་ཡོན་ལ་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས། དེའི་ནང་ཏང་ཡོན་གྱི་ཆ་རྐྱེན་དང་མཐུན་རིགས་ལ་བསྐྱར་དུ་ཐོ་འགོད་བྱེད་དགོས་པ་མ་ཟད། རྩ་འཛུགས་གསར་པའི་ནང་ཞུགས་ནས་ཏང་གི་འཚོ་བ་སྐྱེལ་དུ་འཇུག་དགོས། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་སློབ་གསོ་རྒྱག་པ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་པ་དང་། སློབ་གསོ་བརྒྱབ་ཀྱང་སྔར་བཞིན་འགྱུར་ལྡོག་མི་གཏོང་མཁན་ལ་ཕྱིར་འཐེན་གྱི་ཁ་ཏ་བྱེད་པའམ་མིང་ཐོ་ནས་གསུབ་དགོས། སྒྲིག་འགལ་བྱེད་སྤྱོད་ཡོད་རིགས་ལ་གཏན་འབེབས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས།