ཉེ་བའི་ལོ་ཤས་རིང་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ནན་ཧུའུ་ཆུས་ཀྱིས་ནན་ཧུའུ་ཆུས་དཔེ་དེབ་ཁང་སྣེ་ཁྲིད་ཚན་པར་བྱས་ཏེ། སྡེ་ཁུལ་ཁག་དང་ཤང་གྲོང་རྡལ་ཁག་གི་ཡན་ལག་དཔེ་དེབ་ཁང་དང་། རིག་ལྡན་དཔེ་དེབ་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚིགས)གྲོང་ཁྱེར་གྱི་ས་ཚིགས། ཞིང་པའི་དཔེ་དེབ་ཁང་སོགས་གཞི་རིམ་གྱི་ས་ཚིགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སེར“སྒོ་འགྲམ་གྱི་དཔེ་དེབ་ཁང”ཧུར་ཐག་བསྐྲུན་ནས་སྐར་མ་10ཡི་དཔེ་ཀློག་གི་འཚོ་བའི་ཁོར་ཡུག་བཏོད་ཡོད། འདི་ནི་གྲོང་མིས་ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཆུས་ཏུང་ཀྲ་ཁྲོམ་གཞུང་ནན་ཅང་སྡེ་ཁུལ་གྱི་རིག་ལྡན་དཔེ་དེབ་ཁང་ནས་དཔེ་དེབ་གཡར་བཞིན་པ།