ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་ཝེ་རྫོང་གིས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་འདེགས་མ་ལག་སྣ་མང་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒན་གསོའི་སྒྲིག་གཞིར་བརྟེན་ནས་ཁྱིམ་སྡོད་རྒན་གསོ་གཅེས་སྐྱོང་ཞབས་ཞུ་ལྟེ་གནས་བཙུགས་པའི་ཁར། སྨན་བཅོས་དང་རྒན་གསོའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་གྲོང་གསེབ་ཀྱི་རྒན་རྒོན་ལ་བཟའ་བཏུང་དང་། སྨན་བཅོས། རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུས་ཏེ་གྲོང་གསེབ་ཀྱི་བདེ་ཐང་རྒན་གསོའི་ཞབས་འདེགས་ནུས་པ་ཆེ་རུ་བཏང་བ་རེད། འདི་ནི་ཝེ་རྫོང་ཀྲུང་ཀྲང་ཐའེ་གྲོང་ཚོའི་རྒན་གསོའི་སྒྲིག་གཞི་ཞིག་གི་ལས་དོན་པས་ཁྱིམ་སྡོད་བགྲེས་སོང་ལ་ཟ་མ་སྐྱེལ་བཞིན་པ།