《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

མཚོ་དམག་དུས་ཆེན་སྐབས་མཚོ་དམག་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་པ།

ཟླ་4ཚེས་23ཉིན་ནི་མཚོ་དམག་དུས་ཆེན་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧྲི་ནན་ཆུས་ཝེ་དབྱང་ལམ་སྒོ་རྟགས་8པར་ཡོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་རྟེན་མཛོད་ཁང་གིས་ཡུལ་སྐོར་བར་སྣེ་ལེན་ཞུས་ཡོད། རྟེན་མཛོད་ཁང་གིས་སྔོན་མངགས་དང་། གོ་རིམ་ལྡན་པའི་ངང་ཁ་འགྲེམས། སྒོ་ཕྱེ་བའི་དུས་ཡུན་རིང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡུལ་སྐོར་བའི་དགོས་མཁོ་བསྐངས་ཡོད། ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ལྟ་སྐོར་བྱས་ཏེ་མི་དམངས་མཚོ་དམག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་དང་དྲན་གསོ་བྱས་པ་རེད།

འདི་ནི་ཡུལ་སྐོར་བས་མཚོ་དམག་རྟེན་མཛོད་ཁང་ཕྱིའི་འགྲེམས་ཁུལ་གྱི་དམག་གྲུ་རྙིང་པར་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ཡུལ་སྐོར་བས་མཚོ་དམག་རྟེན་མཛོད་ཁང་ཕྱིའི་འགྲེམས་ཁུལ་གྱི་གནམ་གྲུ་རྙིང་པའི་མདུན་དུ་པར་རྒྱག་བཞིན་པ།