འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། “ཐེབས་རྩའི་ལྟ་འདོམས་མཉམ་དུ་བྱེད། མང་ཚོགས‘སྲོག་རྩ’ཡག་པོ་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་ཆེན་དུ་གཉེར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་། སྣེ་གདོང་ཆུས་སྨན་བཅོས་འགན་སྲུང་ཅུས། གྲོང་ཁྱེར་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁག་བཅས་ཀྱི་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་པའི་རྣམ་པ་བརྒྱུད་མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་དང་། རྩིས་ཞུའི་བསྡུར་ཚད། སྨན་བཅོས་བརྒྱུད་རིམ། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མགོ་སྐོར་བསླུ་བྲིད་ཀྱི་རྒྱུན་མཐོང་གཡོ་ཇུས་དང་ཐེར་འདོན་ལྟ་སྐུལ་བྱེད་སྟངས་སོགས་ཀྱི་ནང་དོན་གསལ་བཤད་ཞིབ་ཕྲ་བྱས་པ་མ་ཟད། གློག་རྡུལ་སྨན་བཅོས་འགན་བཅོལ་བཤེར་རྟགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ནས་ངང་རྒྱུད་རིང་པོས་ལན་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་ལ་གོ་བ་སྔར་བས་ཡག་པ་ལོན་པར་བྱས་ནས་ཐེབས་རྩའི་ལྟ་འདོམས་ཤེས་རྟོགས་ཐུབ་ཚད་དང་། མོས་སེམས་ཐོབ་ཚད། དེའི་ནང་ཞུགས་ཚད་བཅས་མཐོ་རུ་བཏང་ཡོད།
(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)