《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིམ་པའི་ཡུལ་སྐོར་འགྲིམ་འགྲུལ་གྱི་ཆེད་དོན་ལམ་ཐིག་ཐོག་མ་ཤར་གཏོང་ཐུབ་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་མེ་འཁོར་འབབ་ཚུགས་ནས་བཞད་མཐོང་སྨོན་རྫོང་ཆབ་ཁ་ཆུ་ཚན་གྲོང་རྡལ་བར་གྱི་ཡུལ་སྐོར་འགྲིམ་འགྲུལ་གྱི་ཆེད་དོན་ལམ་ཐིག་ཤར་གཏོང་ཐུབ་པའི་མཛད་སྒོ་གཞིས་རྩེ་མེ་འཁོར་འབབ་ཚུགས་སུ་འཚོགས་ཤིང་། ཆེད་དོན་ལམ་ཐིག་འདི་ཤར་གཏོང་ཐུབ་པ་ལས་འགྲིམ་འགྲུལ་དང་མཛེས་ལྗོངས་ཁུལ་བར་སྦྲེལ་མཐུད་དམ་ཟབ་བྱུང་ཡོད་ལ། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིམ་པའི་ཡུལ་སྐོར་འགྲིམ་འགྲུལ་གྱི་ཆེད་དོན་ལམ་ཐིག་ཐོག་མ་ཤར་གཏོང་ཐུབ་པའང་མཚོན་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)