“འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་ཉེར་དགུ་པ་འཆར་ཉེར། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་ཚོགས་སྐབས་དང་པོ་དང“ལྷ་ས་གྲོང་ཁྱེར་གྱི་དཔྱིད་དུས་དཔེ་དེབ་འགྲེམས་ཚོགས”དེ་ཟླ་4ཚེས་20ཉིན་གྱི་སྔ་དྲོར་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་གཉེར་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། བརྗོད་དོན་གཙོ་བོའི་འདུ་ཚོགས། རོལ་དབྱངས་འཁྲབ་སྟོན། “མངོན་མིན་རིག་གནས་ཤུལ་བཞག”མྱོང་རོལ། “ལྷ་སའི་དེབ་ཁང་སྐོར་སྐྱོད་འཆར་གཞི”“དཔྱིད་དུས་ལྷ་སའི་སྙན་ཚིག་མཐུད་སྦྲེལ”སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་ཡོད།