ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག མིག་སྔར། རང་ལྗོངས་ཀྱི་དཔྱིད་རྨོད་དཔྱིད་གྲབས་འགག་རྩའི་དུས་སུ་སླེབས་ཤིང་། རྒྱ་ཆེའི་ཞིང་པས་སོ་ནམ་དུས་ཚོད་ལ་འཐུས་ཤོར་མ་བཏང་བར་ཞིང་ནང་དུ་དཀའ་སྤྱད་ངལ་རྩོལ་གྱིས་ལོ་གཅིག་གི་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་གྲོང་མིས་ཞིང་འཕྲུལ་བཏང་ནས་རྨོ་འདེབས་བྱེད་བཞིན་པ།