ཟླ་3ཚེས་25ནས་27ཉིན་བར་ཀྲུང་གོ་རྒྱལ་སྤྱིའི་ནུས་རྒྱུ་གཙང་མའི་འགྲེམས་ཚོགས་སྐབས་བཅུ་དྲུག་པ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། འགྲེམས་ཚོགས་ཀྱིས“རིག་ནུས་ལ་བརྟེན་ནས་འོད་གསོག་ཆིང་འབྲེལ་མཐུད་དང་། ལྗང་མདོག་ལ་བརྟེན་ནས་འབྱུང་འགྱུར་གསར་པ་གཏོད་པ”བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་18ཀྱི་ཚོང་པ་617འགྲེམས་སྟོན་ནང་ཞུགས་པ་དང་། སྨི་ངོས་གྲུ་ཁྲི་6ཟིན་པའི་འགྲེམས་སྟོན་ཁང་དུ“འོད་དང་། གསོག་འཇོག ཆིང་། གློག AI”བཅས་མཉམ་འདྲེས་གཏིང་ཟབ་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་གྱི་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་པར་བྱས་ཤིང་། འདི་ནི་ཟླ་3ཚེས་26ཉིན་ལྟ་སྐོར་བས་འཕྲུལ་མི་དང་སྤེལ་རེས་བྱེད་བཞིན་པ།