02

ཉིང་ཞ་ཡིས་རྨ་ཆུ་འདྲེན་ཁུལ་དུ་དཔྱིད་ཆུ་འདྲེན་འགོ་ཚུགས་པ། 2026年03月28日

ཟླ་3ཚེས་24ཉིན་གྱི་ཆུ་ཚོད་9དང་སྐར་མ་40ཙམ་ལ་ཉིང་ཞ་ཆིང་ཐུང་ཞ་གྲོང་ཁྱེར་དུ་གནས་པའི་ཐང་ཀྲེང་ཆུ་སྒོ་དལ་བུར་ཕྱེ་བ་དང་བསྟུན་ནས་ལང་ལོང་དུ་རྒྱུག་པའི་རྨ་ཆུ་དེ་མུར་འཕྱུར་ནས་སྐམ་ལ་ཉེ་བའི་ཆུ་ཡུར་ནང་རྒྱུག་སྟེ། ཉིང་ཞ་ཡི་རྨ་ཆུ་འདྲེན་ཁུལ་དུ་2026ལོའི་དཔྱིད་ཆུ་དང་དབྱར་ཆུ་སྟོན་ཆུ་འདྲེན་འགོ་ཚུགས་པ་རེད། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2026ལོའི་དཔྱིད་ཆུ་དང་དབྱར་ཆུ་སྟོན་ཆུ་ཟླ་3ཚེས་24ཉིན་ནས་དངོས་སུ་འདྲེན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ཟླ་9ཚེས་10ཉིན་ལ་མཇུག་སྒྲིལ་རྒྱུ་རེད། འདི་ནི་ཐང་ཀྲེང་ཆུ་སྒོ་ཕྱེ་བའི་རྣམ་པ་ཡིན་པ།