03

ད་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་3500ལྷག་ཙམ་ཟིན་པ། 2026年03月19日

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་གཞིར་བཟུང་། 2026ལོའི་ཟླ་བ་དང་པོ་ནས་གཉིས་པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་3501བཏང་བ་དང་ཚད་ལྡན་དོས་སྒམ་ཁྲི་35.2ཀྱི་དངོས་ཟོག་སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་32%དང་25%སོ་སོར་འཕར་ནས། གྲངས་འབོར་མང་དུ་དང་སྤུས་ཚད་ལེགས་སུ་འགྲོ་བའི་རྣམ་པ་མངོན་པས། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་ཟོག་འགྲུལ་སྤུས་རྟགས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་རེད། འདི་ནི་ཉེ་ཆར་དོས་སྒམ་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཀྲུང་ཧ(ལན་ཡུན་ཀང)ཟོག་འགྲུལ་མཉམ་ལས་རྟེན་གཞི་ནས་ཐོན་གྲབས་ཡོད་པ།