03

པར་རིས་གསར་འགྱུར། 2026年03月18日

ཉིན་ཤས་གོང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ཤིས་ཉི་ཨན་ཅའི་ཀྲའོ་ཝ་50ཡི་འོད་ཤུགས་གློག་ཁང་ནས་དྲ་སྦྲེལ་གློག་གཏོང་ཐུབ་ཅིང་།

ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་ཐན་ཙན་ནི་ཡའི་ས་ངོས་ཀྱི་གཅིག་སྡུད་རྣམ་པའི་དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་ཐོག་མ་དེ་ཡིན་པ་རེད། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་ལ་བརྟེན་ནས་གློག་ཁང་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་7200ཙམ་ཟིན་རྒྱུ་དང་། དེས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་5.7ཙམ་ཉུང་དུ་ཕྱིན་ནས་ས་གནས་དེ་གའི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་སྟེ་ནུས་རྒྱུའི་གྲུབ་ཆ་ལེགས་གཏོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་ཐུབ་རྒྱུ་རེད།