02

གློག་ཤུགས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ལ་གཞོགས་འདེགས་བྱེད་པ། 2026年03月16日

ཉིན་ཤས་བསྟུད་མར་རྒྱལ་ཁབ་གློག་དྲ་ཝུའུ་ཧུའུ་གློག་འདོན་ཀུང་སིས་ཞིང་ལས་དང་འབྲེལ་བ་ཡོད་པའི་གློག་ཤུགས་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་བ་དང་། གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་རང་འགུལ་ངང་མདུན་དུ་བསྐྱོད་དེ་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་ནས་སྤུས་ལེགས་ཞབས་ཞུ་ཞིང་ནང་དང་མུ་ཁར་ཁྱབ་པར་བྱེད་པ་དང་ཞིང་ལས་གློག་སྤྱོད་བདེ་འཇགས་ཀྱི་ཞིབ་བཤེར་རྒྱུན་རྣམ་ཅན་ཡོང་བར་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ཐད་ཀྱི་རྒྱུན་སྤྱོད་གློག་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་ཤིན་ཀང་གྲོང་རྡལ་ཤིན་ཏུང་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁར་རྒྱལ་ཁབ་དྲ་རྒྱ་ཝུའུ་ཧུའུ་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མིས་ཞིང་ཁའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གློག་སྤྱོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།