03

ཀྲུང་གོའི་འཕྲུལ་མི་བོགས་གཏོང་ལས་རིགས་མགྱོགས་མྱུར་རྒྱ་སྐྱེད་འགྲོ་བཞིན་པ། 2026年03月16日

འདི་ནི་ཉེ་ཆར་ཧུའུ་པེ་ཝུའུ་ཧན་ཀོང་ཀུའུ་ཡི་ཧུའུ་པེའི་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་སུ་མི་གཟུགས་འཕྲུལ་མིས་སྦྱོང་བརྡར་དགེ་རྒན་ལ་བལྟས་ནས་པར་རྒྱག་སྟངས་སྦྱོང་བཞིན་པ།

ཀྲུང་གོའི་དྲ་ཐོག་གི་ལས་སྟེགས་ཤིག་གིས་ཆེད་མངགས་འཕྲུལ་མི་བོགས་གཏོང་ལས་སྒོ་གཉེར་བཞིན་ཡོད། ཀུང་སི་དེའི་ཉེར་སྤྱོད་བྱ་རིམ་བརྒྱུད་དེ་སྤྱོད་མཁན་གྱིས་བཟོ་དབྱིབས་མང་པོའི་ཁྲོད་ནས་འཕྲུལ་མི་འདེམས་ཆོག་ཅིང་། དེའི་ཁྲོད་འཕྲུལ་ཁྱི་དང་དོམ་ཁྲའི་གཟུགས་ཀྱི་འཕྲུལ་མི་དང་མི་གཟུགས་ཀྱི་འཕྲུལ་མི་སོགས་ཡོད། བོགས་གཏོང་དུས་ཚོད་བདམས་ནས་དངོས་ཟོག་སྐྱེལ་བའི་ས་གནས་བྲིས་ཏེ་དངུལ་སྤྲད་རྗེས་འཕྲུལ་མི་ཉིན་གཉིས་ནང་ཚུན་དུ་འབྱོར་གྱི་ཡོད། ཆེད་ལས་ལག་རྩལ་མི་སྣས་འཕྲུལ་མི་དང་མཉམ་དུ་བཀོལ་སྤྱོད་བྱ་ཡུལ་དུ་ཡོང་ནས་འཛད་སྤྱོད་པར་གཞི་རྩའི་བཀོལ་སྤྱོད་བྱེད་སྟངས་འགྲེལ་བཤད་རྒྱག་པ་དང་ཆབས་ཅིག་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་ཐོལ་བྱུང་གནད་དོན་ཡང་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། དེ་ལས་མི་གཟུགས་འཕྲུལ་མི་དེ་ཉིད་ཁྱད་དུ་འཕགས་པའི་འཛད་སྤྱོད་ཞབས་ཞུའི་ཐོན་རྫས་ཤིག་ཏུ་འགྱུར་བཞིན་ཡོད་པ་གསལ་པོ་མཚོན་ཡོད་པ་རེད།

མོ་ཀེན་ཧྲི་ཏན་ལི་ཀྲུང་གོའི་བཟོ་ལས་ཚོགས་པའི་སྙན་ཞུ་གསར་ཤོས་ལྟར་ན། 2026ལོ་ནི་མི་གཟུགས་འཕྲུལ་མིའི་བསྡུ་སྒྲིལ་ཚོང་པ་ཚོང་ལས་ཅན་གྱི་ལམ་བུར་སྐྱོད་པ་དང་སྐྱེ་ཁམས་མ་ལག་འཛུགས་པའི་འགག་རྩའི་ལོ་ཞིག་རེད། འཛམ་གླིང་མ་འཇོག་དངུལ་ཁང་གིས་སྔོན་དཔག་བྱས་པ་ལྟར་ན། ད་ལོ་ཀྲུང་གོའི་མི་གཟུགས་འཕྲུལ་མི་ཕྱིར་འཚོང་བྱེད་ཚད་ཁྲི་1.4ནས་ཁྲི་2.8བར་འཕར་བཟོ་ཡོད་པ་རེད། སྙན་ཞུ་དེའི་ནང་ད་དུང་སྔོན་དཔག་བྱས་པ་ལྟར་ན། ཀྲུང་གོའི་འབྲེལ་ཡོད་དངོས་རྫས་ཀྱི་གསལ་ཐོའི་མ་གནས་ལོ་རེར་ཆ་སྙོམས་16%ཆག་རྒྱུ་དང་། འཕེལ་ཕྱོགས་དེས་མི་གཟུགས་འཕྲུལ་མི་ཚོང་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུ་མ་ཟད། བཀོལ་སྤྱོད་ཁྱབ་རྒྱའང་ཆེ་རུ་འགྲོ་རྒྱུ་རེད།

—— ཧན་གོའི《ཨེ་ཤེ་ཡ་ཤར་མའི་ཉིན་རེའི་ཚགས་པར》ཐོག་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།