01

དཔྱིད་གསར་དུས་ཆེན་རིང་མྱུར་བགྲོད་གཞུང་ལམ་དུ་གློག་སྒུལ་རླངས་འཁོར་གྱི་ཉིན་རེའི་ཆ་སྙོམས་གློག་གསོག་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 2026年03月04日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་གློག་གསོག་སྒྲིག་བཀོད་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལས་སྟེགས་ཁོངས་སུ་བཅུག་པའི་མྱུར་བགྲོད་གཞུང་ལམ་གྱི་གློག་སྡོང་ཁྲི་5.33ལ་བསྡོམས་རྩིས་དབྱེ་ཞིབ་བྱས་པ་བརྒྱུད། ཟླ་2ཚེས་15ཉིན་ནས་ཚེས་23ཉིན་བར། མྱུར་བགྲོད་གཞུང་ལམ་དུ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་བསྡོམས་ཁྲི་602.10ཟིན་པ་དང་། གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་14976.75ཟིན་པ། ཉིན་རེའི་ཆ་སྙོམས་གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་1664.08ཟིན་པ་བཅས་དེ་དག་ན་ནིང་གི་དཔྱིད་གསར་དུས་ཆེན་དང་བསྡུར་ན་ཉིན་རེར་ཆ་སྙོམས་52.01%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།