འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2025ལོའི་ལོ་འཁོར་གྱི་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་གྲགས་ཅན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི“ཆེས་བྲིན”སྤུས་རྟགས་དང་བོད་ལྗོངས་འཁྱགས་ཀླུང་གཏེར་ཆུ་ཚད་ཡོད་ཀུང་སིའི“5100”སྤུས་རྟགས“དུས་རབས་ཀྱི་ཐོན་རྫས་སྤུས་ལེགས”ཁེ་ལས་ཀྱི་སྤུས་རྟགས་སུ་བདམས་པ་དང་། “བོད་ལྗོངས་ཆུ་བཟང”དེ་ས་ཁོངས་ཀྱི་སྤུས་རྟགས་ངོས་ནས་མིང་ཐོའི་ནང་ཚུད་ཡོད། དེ་ཐོག་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་ལ་སྤུས་རྟགས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གང་ལེགས་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་གྲགས་ཅན་གྱི་མིང་ཐོ་ནི་ཁེ་ལས་ཀྱིས་རེ་ཞུ་དང་། ས་གནས་ལས་རིགས་གཙོ་གཉེར་ཚན་པས་ཐོག་མར་ཞིབ་བཤེར་དང་འོས་སྦྱོར། རིགས་གཅིག་མཁས་ཅན་གྱིས་ཕྱོགས་བསྡུས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད་གདམ་གསེས་ནན་པོ་བྱས་ཏེ་ཐོན་པ་དང་། དེའི་དམིགས་ཡུལ་ནི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཁེ་ལས་ཀྱིས་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། འཛད་ཟོག་གི་སྤུས་ཚད་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པར་སྤུས་ཚད་མཐོ་བའི་གདམ་ག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དེ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ལྷག་ཚེས་ཞུས)