ཚེས་16ཉིན། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་རང་རྒྱལ་གྱིས་ལས་འགོ་བཙུགས་པའི་ཉིང་རྡུལ་གློག་གི་འཕྲུལ་ཙུའུ་དང་པོ་སྟེ། ཅང་སུའུ་ཞུས་ཡུས་ཉིང་རྡུལ་ནུས་པའི་དྲོད་འདོན་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ཉིང་རྡུལ་གླིང་ཕྲན་དུ་ཨར་འདམ་གྱི་ལུགས་རྒྱག་འགོ་ཚུགས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཉིང་ནུས་དང་རྡོ་སྣུམ་རྫས་འགྱུར་ཐོན་ལས་གཞི་ཁྱོན་ཆེན་པོས་མཉམ་འདྲེས་ཀྱི་རྣམ་གྲངས་ཐོག་མ་དེ་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད་ཅིང་། འདི་ནི་རང་རྒྱལ་གྱི་ད་ལོའི་ཉིང་རྡུལ་གློག་གི་འཕྲུལ་ཙུའུ་དང་པོ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།