འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2026ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱི་ནང་སྦྱོང་ཐེངས་དང་པོ་ལེགས་གྲུབ་བྱུང་ཞིང་། ལེ་ཚན་སྣ་ཚོགས་པ་གསར་གཏོད་ལག་རྩལ་ཉེར་སྤྱོད་དང་གར་སྟེགས་མཛེས་རྩལ་ཇུས་འགོད་སོགས་རྒྱུ་རྐྱེན་གཙོ་བོ་དང་མཉམ་འདྲེས་ཡག་པོ་བྱུང་ནས། མཚན་ཚོགས་ཀྱི་ཕན་འབྲས་རགས་ཙམ་མངོན་ཡོད་པ་རེད།
ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག འབད་བརྩོན་ལྷོད་མེད་དང་ཡར་རྒྱས་བརྩོན་ལེན་གྱི་གོ་དོན་མཚོན་པའི་ལོ་རྟགས་རྟ་ཡི་གཞི་རྒྱུ་གསར་རྩོམ་ནང་འདྲེས་པར་བྱས་ཐོག་བསམ་བློ་དང་། སྒྱུ་རྩལ། ལག་རྩལ་བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་ཁྱབ་སྤེལ་བྱེད་སྟངས་མཐའ་འཁྱོངས་བྱས་ནས། སྒྱུ་རྩལ་གྱི་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་དང་། རྟའི་རྣམ་པ་ལྟར་འཁྲབ་སྟོན་བྱས་པའི་སྒྱུ་རྩལ་སྒྲིག་ཆས་ལས་རྟ་མཆོག་ཁྲི་སྟོང་མང་པོས་བང་རྩལ་འགྲན་པའི་གར་སྟེགས་ཀྱི་བར་མཐོངས་ཤིག་གྲུབ་པ་དང་། མ་རྩོམ་གླུ་གཞས་དག་གི་སྙན་ཞིང་འཇེབས་པའི་དབྱངས་རྟ་ལས་རྟ་མཆོག་ལྟར་རྣམ་རིག་བཀྲ་ཞིང་གསོན་ཤུགས་ལྡན་པའི་བསམ་པའི་ཉམས་འགྱུར་མངོན་ཡོད། ཟློས་གར་གྱི་ལེ་ཚན་ནང་སྲོལ་རྒྱུན་ལྟར་ཡུལ་རྣམ་ཅན་གྱི་རྟ་ཤོན་གསར་གཏོད་བྱས་ཡོད་པ་རེད།
སྤྱི་ཁྱབ་ལས་ཁུངས་ཀྱི་རྟ་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ནི་ཚན་རྩལ་དང་སྒྱུ་རྩལ་གྱི་ཟུང་འབྲེལ་སླར་ཡང་རིམ་སྤོར་བྱས་པ་ཞིག་ཡིན་པས། “ཚན་རྩལ་རིག་ནུས་བཟོ་སྐྲུན”དེ་གར་སྟེགས་ཀྱི་མཛེས་པ་དང་ནང་དོན་གསར་རྩོམ་སོགས་ཀྱི་ནང་མཉམ་འདྲེས་བྱས་ནས་མི་རྣམས་ཀྱིས་ལོ་གསར་མཚན་ཚོགས་ལ་བཅངས་པའི་འཆར་ཡན་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།