04

ལོ་གསར་པར་ཚེ་སྲོག་གསར་པ་བསུ་བ། 2026年01月12日

ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་དགོང་མོར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་སྔར་བཞིན་གློག་འོད་ཁྲ་ལྷམ་མེར་འཕྲོ་ཞིང་། སྨན་དོན་མི་སྣས་བུ་བཙའ་ཁང་དང་། གཤགས་བཅོས་ཁང་། ནད་ཁང་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས་ས་མཐོའི་ཁྱིམ་ཚང་གི་རེ་བ་གསར་པ་སྲུང་བཞིན་ཡོད། འདི་ནི་2026ལོའི་ཟླ་1ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྐྱེ་གཡོག་སྨན་པ་ཚེ་ལགས་ཀྱིས་ཕྲུ་གུ་དམར་འབྱར་སྒྲིལ་བཞིན་པ།