ཟླ་12ཚེས་28ཉིན། ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེར་མཁོ་འདོན་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཁག་དང་པོ་ཕ་ནོམ་ཕེན་གྱི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབང་ཝུན་པིན་དང་ཁམ་ཕུ་ཁྲེའི་ཕྱི་འབྲེལ་པུའི་རྒྱལ་དོན་དྲུང་ཡིག་ཨང་ལཱ་ཁྲ་ནཱ་སོགས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཡོད་པ་རེད། འདི་ནི་ཟླ་12ཚེས་28ཉིན། ཀྲུང་གོས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཁག་དང་པོ་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་གྱི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།