01

པར་རིས་གསར་འགྱུར། 2025年12月30日

ཉིན་ཤས་གོང་། སྤྱིའི་རིང་ཚད་ལ་སྤྱི་ལེ་34.5ཡོད་པའི་ཤིན་ཅང་གི་རི་ཁུལ་སོལ་འདྲེན་མདོང་ལམ་རིང་ཤོས་དེ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ལམ་ཐིག་ཧྲིལ་པོའི་གཟར་ཚད་སྨི་800ལྷག་ཙམ་ཟིན་གྱི་ཡོད་པ་རེད། རྣམ་གྲངས་དེར་ཁ་ཟུམ་རྣམ་པའི་མདོང་འདྲེན་མ་ལག་སྤྱད་པའི་རྨང་གཞིའི་ཐོག མིས་བཟོས་རིག་ནུས་ཀྱི་སྐོར་ཞིབ་ལག་རྩལ་ཡང་ཟུང་འབྲེལ་བྱས་པས། ལོ་རེའི་དབོར་འདྲེན་བྱེད་ཚད་ཏུན་ཁྲི་700ཟིན་ནས། “རྡོ་སོལ་མཁའ་དབྱིངས་ནས་དབོར་ཡང་། སོལ་འདྲེན་བྱེད་རིང་རྡོ་སོལ་མཐོང་རྒྱུ་མེད་པའི”ལྗང་མདོག་དབོར་འདྲེན་བྱེད་སྟངས་མངོན་འགྱུར་བྱུང་སྟེ། སྔོན་དཔག་བྱས་ན། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་4ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་ཅིང་། འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཧུའུ་ཐུའུ་པི་རྫོང་གི་ལྷོ་རྒྱུད་རི་ཁུལ་དུ་ཡོད་པའི་མིས་བཟོས་རིག་ནུས་ཀྱི་སྐོར་ཞིབ་ལག་རྩལ་སྤྱད་དེ་བཟོས་པའི་སོལ་འདྲེན་མདོང་ལམ་ཡིན་པ།