(པར་ངོས་དང་པོར་མཐུད) ད་ཐེངས་ཀྱི་ཚོགས་འདུར“པེ་ཅིང(ཅིང་ཅིན་ཅི)དང་། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་ཁུལ) གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་དགོས་པ”བཀོད་སྒྲིག་བྱས་པ་ནི་ཚན་ཞིབ་སྟོབས་ཤུགས་ཆེན་པོ་དང་གསར་གཏོད་རྒྱུ་རྐྱེན་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་དེ་བས་ལེགས་པ་བྱས་ཏེ། གསར་གཏོད་ཀྱིས་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ཚད་ཤིང་གཏོད་དགོས། རྒྱལ་ཁབ་དང་ས་གནས་ཀྱིས་འཆར་གཞི་བཟོ་འགོད་ཀྱི་ལས་ཀ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས“སྣོལ་སྡེབ་བསྐྱར་ཟློས་དང་ཕན་མེད་འབྲས་མེད་ཀྱི་འཆར་འགོད་བཟོ་བའི་ལས་འགན་ཁུ་བསྡུ་ལེགས་སྒྱུར་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་།“འཆར་འགོད་ཚང་མ་དངོས་ཐོག་བདེན་འཚོལ་བྱེད་དགོས། དངོས་གནས་དྲང་གནས་དང་བདེན་པ་བདེན་ཐུབ་ཀྱི་འཕར་སྣོན་ཡོང་བར་བྱས་ནས། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བཙུགས་ནས་རང་རྟོགས་ངང་སྤྱི་ཡོངས་ཀྱི་ཁྲོད་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། རང་སོ་སོའི་དགེ་མཚན་མངོན་པ་བཅས་བྱས་ཚེ། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་དང་མཉམ་ཤུགས་ཤིག་ཆགས་ཐུབ།
ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་པ་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་རྒྱས་བཤད་གཏིང་ཟབ་གནང་སྟེ། “མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ཆོས་ཉིད་ལྟར་ལས་དོན་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། ཏང་གཤིས་དང་ཐོག་མའི་བསམ་འདུན་ལ་ཞུན་བརྡར་གཏོང་བར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་། འཕེལ་རྒྱས་ལ་དམ་འཛིན་དང་དམངས་འཚོར་ཕན་པ་འདོགས་རྒྱུ་གཉིས་གཅིག་གྱུར་ཡོང་བར་བྱས་ཏེ། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དམིགས་ནས་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པར་བྱེད་དགོས་ན་དོན་དངོས་ལ་གཞི་ཚུགས་ནས་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། “སྲིད་དོན་ལས་རྗེས་དོན་གཉེར་བྱེད་པའི་ཐད་འཕྲལ་བདེ་འཕྲལ་ཕན་དང་། མི་བདེན་རྫུན་སྒྲིག རྨོངས་ཚོད་གང་སྒྲུབ་བཅས་མི་བྱེད་པ་དང་། དཔོན་རིགས་གསར་པས་རྩིས་རྙིང་པར་ཁ་ཡ་མི་བྱེད་པ་དང་། གཟུགས་བརྙན་ལས་གྲྭ་དང་སྲིད་དོན་ལས་རྗེས་ལས་གྲྭ་གཏན་འགོག་བྱེད་དགོས” འགན་ཧུར་ཐག་ཁུར་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་ངོ་མ་ཧུར་ཐག་གཏོད་དགོས།
འབྱུང་འགྱུར་ལ་ཕྱོགས་སྐབས་དུས་ཚོད་དང་དུས་བབ་ང་ཚོའི་ཕྱོགས་སུ་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱས་ནས། འབྱུང་འགྱུར་འཕེལ་རྒྱས་ཡོང་བར་ཡིད་ཆེས་བརྟན་པོ་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཞག་ནས་ལས་འགན་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་དང་། ཉེན་ཁ་ལས་རྒྱལ་བ། འགྲན་སློང་བསུ་བ། འབད་བརྩོན་དངོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་འགན་ལེན་བྱས་ནས་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་འབུལ་དགོས།
(སྤེན་པ་ཚེ་རིང་དང་དཔའ་མོས་སྒྱུར་ཞུས་བྱས)