02

འཛམ་གླིང་གི་རླུང་ནུས་ཚོགས་ཆེན་སྐབས་ཉེར་གཉིས་པ་ཧྲན་ཐོའུ་རུ་འགོ་ཚུགས་པ། 2025年12月07日

འདི་ག་ཚགས་པར་ཁང་དུ་ཧྲན་ཐོའུ་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། འཛམ་གླིང་གི་རླུང་ནུས་ཚོགས་ཆེན་སྐབས་ཉེར་གཉིས་པ་དང་ཧྲན་ཐོའུ་རྒྱལ་སྤྱིའི་རླུང་གློག་ལག་རྩལ་གསར་གཏོད་ཚོགས་ཆེན་སྐབས་གསུམ་པ་ཀོང་ཏུང་ཧྲན་ཐོའུ་རུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཚོགས་ཆེན་གྱིས“རླུང་ནུས་ཀྱིས་འབྱུང་འགྱུར་ལ་མཐུན་རྐྱེན་སྦྱོར། གསར་གཏོད་དང་། མཉམ་ལས། རྒྱུན་མཐུད་ཆོག་པའི་འཕར་སྣོན”བརྗོད་དོན་གཙོ་བོར་བྱས་ཏེ། རླུང་གློག་གི་ལག་རྩལ་གསར་ཤོས་དང་། ཐོན་ལས་འཁོར་འབྲེལ་མཐུན་སྦྱོར། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་སོགས་ལ་དམིགས་ཏེ། རླུང་གློག་གསར་གཏོད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས། རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་གྱུར་བྱས་ཏེ་གོ་ལ་ཧྲིལ་པོའི་རླུང་གློག་མཉམ་ལས་དུས་སྐབས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཐོའུ་རྒྱལ་སྤྱིའི་རླུང་གློག་གསར་གཏོད་གྲུ་ཁས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་གོ་ལ་ཧྲིལ་པོར་ཕྱོགས་པའི་རླུང་གློག་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་ནས། ཧྲན་ཐོའུ་རྒྱལ་སྤྱི་ཅན་གྱི་རླུང་གློག་ཐོན་ལས་ཀྱི་གྲོང་ཁྱེར་གསར་པར་མགྱོགས་མྱུར་འགྱུར་བར་རམ་འདེགས་བྱེད་བཞིན་ཡོད། ལྷོ་ཕྱོགས་གློག་དྲ་ཀོང་ཏུང་གློག་དྲ་ཀུང་སིས་ཧྲན་ཐོའུ་རུ་མཚོ་འགྲམ་ས་ཁོངས་ཀྱི་རླུང་གློག་ཚོད་ལྟའི་རྟེན་གཞི་བཙུགས་ཏེ། མཚོ་ཐོག་རླུང་གློག་ཤོང་ཚད་ཆེ་བའི་འཕྲུལ་ཚན་གྱི་ཁས་ལེན་ཞིབ་དཔྱད་ཚད་ལེན་གྱི་སྤྱི་པའི་ཚོད་ལྟའི་ལས་སྟེགས་བསྐྲུན་ནས། རླུང་གློག་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པའི་ཞིབ་འཇུག་གསར་སྤེལ་ལ་དེ་བས་ལེགས་པའི་སྒོ་ནས་འདེགས་སྐྱོར་བྱས་པ་རེད།