02

ཀོང་ཤིས་ཀྱིས་ས་ཁོངས་ཡོངས་ཀྱི་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་དོ་དམ་བྱ་ཐབས་བཏོན་པ། 2025年12月07日

འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས《ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ས་ཁོངས་ཡོངས་ཀྱི་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་དོ་དམ་བྱ་ཐབས》བཀྲམ་ཞིང་། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ལམ་ལུགས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཚད་ལྡན་དུ་བཏང་སྟེ། རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་ཇུས་ལེགས་སུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་དང་ས་ཆ་གྲོན་ཆུང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་བྱས་ཡོད།

རྣམ་གྲངས་ཇུས་འགོད་དང་ལག་ལེན་བསྟར་བའི་བརྒྱུད་རིམ་ཐད། བྱ་ཐབས་ནང་བཅོས་སྒྲིག་ས་ཁོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ལས་ཀའི་རྨང་གཞི། མ་དངུལ་གྱི་ཡོང་ཁུངས། མང་ཚོགས་ཀྱི་འདོད་བློ་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ས་ཁོངས་ཡོངས་ཀྱི་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་ལ་འཆར་འགོད་ལུགས་མཐུན་བྱེད་དགོས། ལག་བསྟར་ཚན་པ་རྩ་དོན་ཐོག་ཤང་དང་གྲོང་རྡལ་གཞི་རྩའི་ཚན་པར་བྱས་ཏེ། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་གཙོ་གནད་བཅོས་སྒྲིག་ཁུལ་དང་། བར་མཐོངས་ལེགས་སུ་གཏོང་བའི་གཏིང་ཤུགས་ཆེ་ཞིང་ཐོན་ལས་འཕེལ་རྒྱས་ཀྱི་ས་སྤྱོད་དགོས་མཁོ་མངོན་གསལ་དོད་པའི་ས་ཁོངས་སྔོན་ལ་འདེམས་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཤང་དང་གྲོང་རྡལ་བརྒལ་བའི་བཅོས་སྒྲིག་འཚོལ་ཞིབ་བྱེད་ཆོག་པའི་བླང་བྱ་བཏོན་ཡོད།