01

ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོ་འཕར་ནས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་དུས་མཚུངས་ལས་7.5%འཕར་བ། 2025年12月07日

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོ་འཕར་བ་དང་། ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་65844.3ཟིན་པ་དེ་དུས་མཚུངས་ལས་7.5%འཕར་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོ་འཕར་བ་དང་། ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་65844.3ཟིན་པ་དེ་དུས་མཚུངས་ལས་7.5%འཕར་ཡོད། དེའི་ནང་ཞབས་ཞུ་ཕྱིར་གཏོང་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་29090.3ཟིན་ནས་14.3%འཕར་བ་དང་། ཞབས་ཞུ་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་36754ཟིན་ནས་2.6%འཕར་བ། ཞབས་ཞུའི་ཚོང་དོན་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་7663.7ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2693.9ཉུང་དུ་ཕྱིན་ཡོད་པ་རེད།

ཤེས་བྱ་འདུས་ཆེའི་ཞབས་ཞུའི་ཚོང་དོན་འཕར་ཚད་རྒྱུན་འཁྱོངས་ཐུབ་ཅིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཤེས་བྱ་འདུས་ཆེའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་25121.5ཟིན་ནས་6.4%འཕར་བ་དང་། དེའི་ནང་ཚོང་ལས་ཀྱི་ཞབས་ཞུ་གཞན་དག་དང་། གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པར་ཁག་སོ་སོར་སྒོར་དུང་ཕྱུར་10698.1དང་སྒོར་དུང་ཕྱུར་8836.9ཟིན་ནས། འཕར་ཚད་ཀྱང་ཁག་སོ་སོར་4.2%དང་9.9%ཟིན་ཡོད། ཤེས་བྱ་འདུས་ཆེའི་ཞབས་ཞུ་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་14687.9ཟིན་ནས་9.5%འཕར་བ་དང་། ཤེས་བྱ་འདུས་ཆེའི་ཞབས་ཞུ་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་10433.6ཟིན་ནས་2.3%འཕར་བ། གཏོང་མང་འདྲེན་ཉུང་གི་ཧེ་བག་སྒོར་དུང་ཕྱུར་4254.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་1036འཕར་ཡོད་པ་རེད།

ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་བྱེད་ཚད་འཕར་མགྱོགས་པོ་བྱུང་ཞིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཡུལ་སྐོར་ཞབས་ཞུའི་འཕར་ཚད་ཅུང་མགྱོགས་པོ་བྱུང་བ་སྟེ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་18125.4ཟིན་ནས་8.5%འཕར་ཞིང་། དེའི་ནང་ཕྱིར་གཏོང་52.5%འཕར་བ་དང་ནང་འདྲེན་2.3%འཕར་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པད་ཆོས་དང་པ་ཚེས་ཞུས)