གཞན་ཡུལ་དུ་འབད་འཐབ་བྱེད་བཞིན་པའི་གཞོན་ནུ་ཕ་ཡུལ་དུ་ལོག་ཡོང་བ་ནི་བྲག་དཀར་གྲོང་གསར་གྱི་མི་རྣམས་ཆེས་དགའ་འོས་པའི་བྱ་བ་ཞིག་རེད།
སྔོན་མ་ཐག་རིང་ལུང་ཁུག་ཡིན་པས་གཞོན་ནུ་ཚོ་རྦད་དེ་ཕྱིར་སྐྱོད་ཀྱི་ཡོད། ཡིན་ནའང་། ད་ཆ“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་ཁས་ལེན་དང་བྱ་སྤྱོད་འོག་འཚོ་བར་འགན་ལེན་དེ་བས་མང་བ་བྱུང་བ་མ་ཟད། ཐོན་སྐྱེད་ལའང་འདེགས་སྐྱོར་དེ་བས་མང་བ་བྱུང་ནས་ཕ་ཡུལ་གྱི་བཀྲག་མདངས་འཚེར་ས་དང་ཡིད་དབང་འཕྲོག་ཤུགས་ཀྱིས་གཞོན་ནུ་ཚོ་ཕ་ཡུལ་དུ་ལོག་འདོད་ཆེན་པོ་བྱེད་ཀྱི་ཡོད།
འདི་ནི་གཉིས་ཕན་གྱི་བྱ་བ་ཞིག་རེད། གཞོན་ནུ་ཚོས་ཡངས་པའི་མཐོང་རྒྱ་དང་ཆེད་ལས་ཀྱི་རྩལ་ནུས་འཁྱེར་ནས་ཕ་ཡུལ་དང་ཕྱི་རོལ་འབྲེལ་མཐུད་བྱེད་པའི་ལམ་བུ་ཞིག་མགྱོགས་མྱུར་བཏོད་ཡོད། སླད་ཕྱིན་བྲག་དཀར་གྲོང་གསར་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད།
གྲོང་ཚོའི་གཞོན་ནུ་རྣམས་ལས་ལ་བྲེལ་བ་ནི་གྲོང་ཚོའི་གསོན་ཤུགས་འཕེལ་ས་ཞིག་ཡིན་ལ་འབྱུང་འགྱུར་གྱི་གདེང་ཚོད་གནས་སའང་ཡིན།