03

ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བདུན་པ་སན་ཡཱ་གྲོང་ཁྱེར་དུ་འགོ་ཚུགས་པ། 2025年12月06日

ཟླ་12ཚེས་3ཉིན་གྱི་དགོང་མོར། ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་སན་ཡཱ་གྲོང་ཁྱེར་ཧྥེང་ཧོང་གླིང་ཕྲན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

སྐབས་འདིའི་གློག་བརྙན་དུས་ཆེན་ལ“རྒྱ་མཚོའི་འཇིག་རྟེན་བསམ་མི་ཁྱབ·གློག་བརྙན་སྒྱུ་རྩལ་མུ་མཐའ་མེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་རྒྱལ་ཁབ་དང་ས་ཁུལ་119ཡི་གློག་བརྙན་4564ཞུགས་པའི་ཡིད་དབང་བཀུག་པ་དང་ཞུགས་ཚད་སྐབས་རིམ་བྱུང་གི་ཚད་གཞི་མཐོ་ཤོས་བཏོད་ཡོད། ཉིན་དེའི་དགོང་མོའི་འགོ་ཚུགས་མཛད་སྒོར་ཀྲུང་ཕྱིའི་གློག་བརྙན་བ་དང་། འཁྲབ་སྟོན་པ་གྲགས་ཅན། ལས་རིགས་ཁག་གི་སྐུ་མགྲོན་བཅས་མང་པོ་འཛོམས་ནས། གློག་བརྙན་གྱི་དུས་ཆེན་གཟབ་རྒྱས་དེར་དཔང་པོ་བྱས་ཡོད་པ་རེད།