02

ཞིང་ལས་ལག་རྩལ་མཁས་ཅན་ཞིང་ནང་དུ་བསྐྱོད་པ། 2025年11月24日

ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་དབྱིན་ཧྲན་རྫོང་ནི་ཇ་ལོ་ཐོན་སྐྱེད་ཀྱི་རྫོང་ཆེན་པོ་ཞིག་ཡིན་ཞིང་། མིག་སྔར་ཇ་ཞིང་འདེབས་འཛུགས་ཀྱི་དུས་ཚིགས་ཡིན་པས། ས་གནས་དེ་གའི་ཞིང་ལས་དང་། ཚན་རྩལ། ཇ་ཞིང་སོགས་སྡེ་ཚན་གྱིས་ཞིང་ལས་ལག་རྩལ་པ་གཙོ་བོར་བྱེད་པའི་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཇ་རར་ཞིང་ལས་ཀྱི་གནས་ཚུལ་བརྟག་དཔྱད་བྱེད་པ་དང་། ཇ་ཞིང་འདེབས་མཁན་ཞིང་དུད་ལ་ལག་རྩལ་སློབ་ཁྲིད་དང་ཞབས་འདེགས་ཞུ་བ། ས་གནས་ས་ཐོག་ཏུ་ཇ་ཞིང་འདེབས་མཁན་ཞིང་དུད་ལ་ཚན་རིག་དང་མཐུན་པའི་ངང་ཇ་ར་དོ་དམ་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བཅས་བྱས་ནས། ཇ་ལོའི་ཐོན་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད། འདི་ནི་དབྱིན་ཧྲན་རྫོང་ཧྲི་ཐོའུ་ཅུས་གྲོང་རྡལ་ཞུས་ཐའོ་གྲོང་ཚོའི་ཇ་ལོའི་ལྗང་གསོ་རྟེན་གཞིར་ཞིང་ལས་ཚན་རྩལ་པས་ཞིང་དུད་ལ་ཇ་ཞིང་འདེབས་འཛུགས་ཐད་དོ་སྣང་བྱེད་དགོས་རིགས་འགྲེལ་བཤད་རྒྱག་བཞིན་པ།