འདི་ནི་ཀུའེ་ཀྲོའུ་ཝུང་མཱ་ལྷོ་ངོས་སུ་སྣུར་སྲིང་བྱས་པའི་ལྕགས་ལམ་ཡིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་6715ཟིན་ནས་དུས་མཚུངས་ལས་5.7%འཕར་བ་དང་། ལྕགས་ལམ་འཛུགས་སྐྲུན་ལ་སྤུས་དག་ནུས་ཆེའི་ངང་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་ལ་མ་འཇོག་བྱེད་པའི་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཡོད།