ཟླ་11ཚེས་11ཉིན། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་ཧྲི་ཏའོ་གྲུ་ཁ་གསར་པའི་ཕྱིར་གཏོང་རྒྱལ་སྒྲོལ་དྲ་ཚོང་ཐུམ་སྒྲིལ་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། གྱོན་ཆས་དང་། རྩེད་ཆས། གློག་རྡུལ་ཐོན་རྫས་སོགས་བླུག་པའི་ཐུམ་སྒྲིལ་དག་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པའི་ལྟ་འདོམས་འོག་ཞིབ་བཤེར་མགྱོགས་པོ་ཐུབ་ནས་གྲུ་གཟིངས་ནང་བླུགས་ཏེ་མཚོ་ཐོག་སྐྱེལ་འདྲེན་བྱེད་བཞིན་ཡོད། འདི་ནི་ཟླ་11ཚེས་11ཉིན། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་ཧྲི་ཏའོ་གྲུ་ཁ་གསར་པའི་རྒྱལ་སྤྱིའི་མྱུར་སྐྱེལ་བསྐུར་མ་ལྟ་འདོམས་ལྟེ་གནས་ཀྱི་རྒྱལ་སྒྲོལ་དྲ་ཚོང་ལྟ་འདོམས་བྱེད་སར་ལས་དོན་པས་དངོས་ཟོག་ལེགས་སྒྲིག་བྱེད་བཞིན་པ།