04

བོད་ཀྱི་བརྩམས་ཆོས་གཉིས་རྒྱལ་ཡོངས་ཀྱི་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའི་མཐའ་བསྡུར་ལ་ཚུད་པ། 2025年09月27日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་24ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་འབུལ་སྐྱེལ་བྱས་པའི་གླུ་གཞས《བོད་ཀྱི་མང་ཚོགས་སྒྱུ་རྩལ་གླུ་གཞས》དང་ཐང་ཆེན་ཞབས་བྲོ《དགའ་བའི་བྲོ་གར་འཁྲབ》ཅེས་པ་རྒྱལ་ཡོངས་ཀྱི་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་སྐབས་ཉི་ཤུ་པའི་མཐའ་བསྡུར་ལ་ཚུད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་ལོ་གསུམ་རེར་སྐབས་རེ་གཉེར་གྱི་ཡོད་ཅིང་། དམིགས་ཡུལ་ནི་མང་ཚོགས་ཀྱི་སྒྱུ་རྩལ་གསར་རྩོམ་ལ་སྐུལ་ལྕག་དང་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་གྲ་རྒྱས་སུ་གཏོང་ཆེད་རེད།