02

རྩལ་ནུས་སྦྱངས་ནས་ལས་ཞུགས་བརྟན་དུ་བཏང་། 2025年09月23日

ཉེ་བའི་ལོ་ཤས་རིང་། ཏུང་ཁོའུ་རྫོང་གིས་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་དགོས་མཁོར་གཞིགས་ཏེ་གསོ་སྦྱོང་བྱེད་སྟངས་དང་ནང་དོན་གསར་གཏོད་ཀྱིས་སྡེ་ཁུལ་དང་། ཁྲོམ་གཞུང་། གྲོང་གསེབ་བཅས་སུ་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཀ་འཚོལ་མཁན་ལ་རིན་མེད་ངང་མ་བྱན་དང་། འཕྲུལ་ཆས་སྒྲིག་སྦྱོར། ཉམས་བཟོ་སོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ་ལས་ཀ་འཚོལ་མཁན་གྱི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་དང་ལས་གནས་དང་འཚམ་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། འདི་ནི་2025ལོའི་ཟླ་9ཚེས་21ཉིན་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཏུང་ཁོའུ་རྫོང་ཧྭ་ཀུའུ་ཁྲོམ་གཞུང་ཁྲུའུ་ཚའེ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གྲྭར་དགེ་རྒན་གྱིས་སློབ་མར་ཏན་ཞིམ་བཟོ་སྟངས་སློབ་བཞིན་པ།