ཉེ་དུས་ཁྲང་ཀྲོའུ་ཅིན་ཐན་ཁྲང་ཏང་མཚེའུ་དང་ཆན་ཙི་མཚོ་ངོགས་ཀྱི་ཕྱིར་སྐྱེད་རྟེན་གཞིར་གནས་པའི་ཅང་སུའུ་ཡི་ས་རྒོད་གསར་སྦོལ་འབྲི་ཆུའི་ཀྲུང་ཧྲ་ཀྲོའུ་ཞིང་རའི་མུའུ་8000ལྷག་གི་ལོ་ཏོག་ཀའོ་ལེང་རིམ་གྱིས་སྨིན་ནས་བརྔ་བསྡུའི་དུས་ཚིགས་སུ་སླེབས་ཡོད། ཡུག་སྦྲེལ་གྱི་ལོ་ཏོག་ཀའོ་ལེང་ཞིང་ཁར་དམར་མདངས་རབ་ཏུ་རྒྱས་ནས་ཡུལ་སྐོར་བ་ཚོས་བདེ་འཇགས་ཁུལ་ནས་གཱ་ཐོ་འགོད་པ་དང་པར་རྒྱག་པ་དང་། བརྔ་བསྡུའི་འཕྲུལ་འཁོར་གྱིས་ལོ་ཏོག་ཀའོ་ལེང་བསྡུས་ནས་གང་སར་དགའ་འོས་པའི་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན། ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞི་དེ་ཅིན་ཐན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ཁུལ་དུ་གནས་པ་དང་ལོ་མང་འབད་བརྩོན་བྱས་པ་བརྒྱུད“ཞིང་ལས་དང་ཡུལ་སྐོར”ཟུང་འབྲེལ་གྱི་དེང་རབས་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་ལས་སྤྱི་གླིང་ཞིག་རིམ་གྱིས་ཆགས་ཡོད།
འདི་ནི་བརྔ་བསྡུའི་འཕྲུལ་འཁོར་གྱིས་ཞིང་ནང་དུ་ལོ་ཏོག་ཀའོ་ལེང་བསྡུ་བཞིན་པ། (མི་མེད་གནམ་གྲུས་པར་བླངས)